༄༅། །བྱམས་བསྟོད་ཚངས་པའི་ཅོད་པན་གྱི་དགོངས་འགྲེལ་ལམ་མཆོག་གསལ་བྱེད་ཅེས་བྱ་བ་བཞུགས་སོ།། [001B] །ན་མོ་གུ་རུ་མཉྫུ་ཤའི་ཡེ། སྙིང་སྟོབས་ཐོག་མའི་དུས་ནས་ཕུལ་དུ་བྱུང། །དཀའ་སྤྱད་རྒྱལ་སྲས་གཞན་གྱིས་འགྲན་མི་ནུས། ། བཀའ་དྲིན་སངས་རྒྱས་ཀུན་ལས་རབ་ལྷག་པའི། །མཉམ་མེད་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །བྱམས་པའི་ཆབ་ཀྱིས་ཞེ་སྡང་མེ་དཔུང་བཅིལ། །མཁྱེན་པའི་ ཞུགས་ཀྱིས་མཚན་འཛིན་བུད་ཤིང་བསྲེགས། །གསུང་འཕྲིན་ལྕགས་ཀྱུས་འགྲོ་ཀུན་འདྲེན་མཛད་པའི། །རྒྱལ་ཚབ་དམ་པས་བདག་སོགས་ཡང་འདྲེན་མཛོད། ། འཁྲུལ་བྲལ་ལེགས་བཤད་བཟང་པོའི་གདུང་བྱེད་ཀྱིས། །ཐུབ་བསྟན་རི་ཐང་གཅིག་ཆར་གསལ་མཛད་པའི། འཇམ་མགོན་བློ་བཟང་སྣང་བའི་གཏེར་ཆེན་གྱིས། ། བདག་བློའི་མུན་ཆེན་སེལ་བའི་བྱིན་ཆེན་སྩོལ། །སྔོན་བྱོན་དམ་པས་འདུལ་བར་མི་ནུས་པའི། །སྐལ་དམན་བདག་ལ་ཐ་མལ་གཟུགས་བསྟན་ནས། །རྒྱལ་བའི་ [002A] །གསུང་གི་འཕྲིན་ལས་སྒྲུབ་མཛད་པའི། །བཤེས་གཉེན་རྣམས་ཀྱིས་སླར་ཡང་བདག་སྐྱོངས་ཤིག་བློ་བཟང་རྒྱལ་བའི་མགྲིན་པར་ཡོངས་ འཁྱིལ་བའི། །ལེགས་བཤད་ཉལ་འགྲོའི་གཏེར་གྱི་ཆ་ཤས་གཅིག་བྱམས་བསྟོད་ཚངས་པའི་ཅོད་པན་འདི་ཉིད་ཀྱི། །དགོངས་དོན་གསལ་བྱེད་མེ་ལོང་དེང་འདིར་ འགོད༑ ༑འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་པའི་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པན་འདི་ཉིད་ཀྱི་དོན་འཆད་པ་ལ་གཉིས། གླེང་ བསླང་བ་དང་དོན་བཤད་པའོ། །དང་པོ་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོས་རྫིང་ཕྱིའི་བྱམས་པའི་ཞིག་གསོས་མཛད་ནས། །ལྷོ་བྲག་བྲ་པོ་དགོན་པར་བྱོན། །གནས་ དེར་ཟླ་བ་བདུན་ཙམ་བཞུགས། དེ་ནས་རྒྱ་གར་ཤིང་གི་རི་ལ་འབྱོན་པར་ཆས་པའི་སྐབས་སུ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས། རྫིང་ཕྱིའི་ཇོ་བོ་ལ་དགེ་སྦྱོང་གི་ [002B] ཕྱིས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཡོད་དོ། །ཞེས་གསུངས་པ་ལ་བརྟེན་ནས་དེ་ལྟར་མཛད་པར་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེམ་ལས་བཤད་པ་ལྟར་རོ། །གཉིས་པ་ལ་གསུམ། བཤད་པ་ལ་འཇུག་ པ༑ བཤད་པ་ཉིད་དགོད་པ། བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ནི། ན་མོ་ཤྲཱི་གུ་རུ། ཞེས་པ་ནས། མི་ཕམ་མགོན་ལ་བསྟོད། ཅེས་གསུངས་ཏེ། དཔལ་ལྡན་བླ་མ་འཇམ་པའི་དབྱངས་ལ་ ཕྱག་འཚལ་ལོ། །ཞེས་པ་ནི་གོ་སླའོ། །མཉེས་བཤིན་ཏེ་སེམས་ཤིན་ཏུ་འཇམ་ཞིང་དུལ་བར་བྱས་པའི་བྱམས་པའི་ཆུས་ཐུགས་རྒྱུད་དུས་རྟག་ཏུ་བརླན་པ་ཡིན་མོད། དེ་ལྟན་ཡང་ནག་པོའི་རྩ་ལག་སྟེ་བདུད་འདོད་ ལྷག་ཉན་དང་བཅས་པ་སྲེག་པ་སྟེ་འཇོམས་པར་མཛད་པ་དང། ཤིན་ཏུ་བཅད་པར་དཀའ་བའི་སྲིད་པའི་འཆིང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་བཅད་ཀྱང། གཞན་དོན་ཁུར་དུ་འཁྱེར་བའི་སྙིང་རྗེ་ཆེན་པོས་འཁོར་བའི་ གནས་སུ་དམ་དུ་བཅིངས་ཤིང། ཆགས་སྡང་ཉེ་བར་ཞི་བའི་བཏང་སྙོམས་ཆེན་པོ་དང་དུས་རྒྱུན་ཏུ་ལྡན་ཡང། བདག་པས་སེམས་ཅན་གཞན་ལ་གཅེས་པར་འཛིན་པའི་འཕགས་མཆོག་འཇམ་པའི་དབྱངས་ཀྱི་ཞབས་ལ་ [003A]༄༅། །སྒོ་གསུམ་གུས་པས་བཏུད་ནས། རྒྱལ་བ་མི་ཕམ་མགོན་པོ་ལ་བསྟོད་པར་བགྱིའོ། །ཞེས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་མཛད་དོ། །གཉིས་པ་ལ་གཉིས། ཡོན་ཏན་བརྗོད་པའི་སྒོ་ ནས་བསྟོད་ཅིང་ཐུགས་དགོངས་གཏང་པར་གསོལ་བ། འདོད་བྱའི་དོན་སྒྲུབ་པའི་གསོལ་འདེབས་སོགས་བྱ་བའོ། དང་པོ་ནི། གདོང་བཞིས་མང་པོའི་ཞལ་ནས་རབ་ཏུ་བསྔགས། །ཞེས་པ་ནས། སྨྲེ་སྔགས་སྒོ་ནས་ སྨ་ལ་ཡུད་ཙམ་དགོངས། ཞེས་གསུངས་ཏེ། གདོང་བཞི་སྟེ་ལྷ་ཚངས་བས་མང་པོའི་ཞལ་ནས་རབ་ཏུ་བསྔགས་ཤིང། སྤྱན་སྟོང་ལྡན་པ་སྟེ་བརྒྱ་བྱིན་གྱིས་དང་བས་དུས་རྒྱུན་ཏུ་བ་ལྟ་ལ། དགའི་མའི་བདག་པོ་སྟེ་བདུད་ དགའ་རབ་དབང་ཕྱུག་གིས་སེམས་ཁེངས་པའི་དྲེགས་པ་བཏང་ནས་བཏུང་བའི་ཡུལ་དུ་གྱུར་བ། རྒྱལ་ཚབ་མི་ཕམ་མགོན་པོའི་ཞབས་ལ་གུས་པ་ཆེན་པོས་ཕྱག་བགྱིའོ། ཞེས་པ་ནི་ཚིགས་བཅད་དང་པོའི་དོན་ནོ། ། ཚངས་པས་ཐིག་ལེ་མཆོག་མ་ལ་ཆགས་པས་གདོང་བཞི་སྤྲུལ་པ་དང། བརྒྱ་བྱིན་གྱིས་ཤོལ་མེད་མའི་མངལ་དུ་ཡིབ་པའི་རྐྱེན་གྱིས་མིག་སྟོང་འབྱུང་བར་བཤད་ཚུལ་རྣམས་མངས་སུ་དགོས་ནས་མ་བྲིས་ཏེ། མངོན་བརྗོད་ ཀྱི་བསྟན་བཅོས་སོགས་ལས་ཤེས་པར་བྱའོ། །ཤིན་ཏུ་དང་བའི་རྒྱ་མཚོལ་འདབ་བརྒྱ་པ་སྟེ་པདྨས་མཛེས་པ་བསྐྱེད་ཅིང་པདྨ་དེ་ཉིད་ལ་ཡང་ཉིན་བྱེད་དབང་པོའི་འོད་ཀྱིས་མཛེས་པ་བསྐྱེད་པ་དང། སྤྲིན་སོགས་ཀྱིས་དག་པའི་ནམ་ [003B] མཚན་དང་དཔེ་བྱད་བཟང་པོའི་ཕྲེང་བས་རྒྱལ་བ་བྱམས་པ་གང་གི་སྐུ་ལ་མཛེས་པ་བསྐྱེད་ཅིང་སྐུ་ དེས་ཀྱང་མཐོང་མ་ཐག་ཏུ་མཐོང་བོ་པའི་འགྲོ་བ་དེའི་ཡིད་འཕྲོག་པའི་དགའ་བ་བསྐྱེད་པར་མཛད་པའི་བྱམས་མགོན་དམ་པའི་ཞབས་ཀྱི་པདྨོ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་བདག་གི་གཙུག་ན་མཛེས་པར་གྱུར་ཅིག་ཅེས་པ་ནི་ ཚིགས་བཅད་གཉིས་པའི་དོན་ནོ། བདུད་བཞི་ཕྲ་དགས་ཐམས་ཅད་འཇོམས་པར་མཛད་ཅིང། འཁོར་གྱི་ནང་དུ་རང་གི་ཀུན་སྤྱོད་ངན་པ་གཞན་གྱིས་ཤེས་ཀྱིས་དོགས་པའི་འཇིགས་པ་ཀུན་དང་བྲལ་བ་དང། འཇིག་རྟེན་འགྲན་ པ་གཞན་མེད་པས་ན་མཚུངས་པ་མེད་ཅིང། མི་མཐུན་ཕྱོགས་ཐམས་ཅད་ཀྱིས་རྫི་བར་མི་ནུས་པས་དཔའ་བོ་དང། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་སྟོན་པ་མཆོག་ ཡིན་ཞིང། ཉམ་ང་བའི་གནས་སུ་ལྟུང་བའི་འགྲོ་བ་རྣམས་ལ་དུས་རྟག་ཏུ་ཐུགས་རྗེ་ཆེན་པོས་གཟིགས་པའི་རྣམ་འདྲེན་དམ་པ་ཁྱོད་ཀྱིས་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཚོགས་བཅད་གསུམ་པའི་དོན་ནོ། །གྲངས་ མཐའ་ཡས་པའི་ཤེས་བྱ་ཐམས་ཅད་ལ་ཐོགས་མེད་པར་འཇུག་པའི་མཁྱེན་པའི་སྡོབས་ཀྱིས་མ་རུངས་པའི་བདུད་ཀྱི་སྡེ་ཐམས་ཅད། གནམ་ལྕགས་ཀྱི་སེར་པ་སྟེང་དུ་བབས་པའི་མེ་ཏོག་གཞོན་ནུ་བཞིན་ཏུ་ཕམ་པར་མཛད་ [004A]༄༅། །བའི་སྟོབས་བཅུའི་དཔལ་གྱིས་རབ་ཏུ་བརྗིད་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཚིགས་བཅད་བཞི་པའི་དོན་ཏེ། ཚིགས་བཅད་འདིའི་མཐར་གོང་གི་ཞབས་ལ་ཕྱག་འཚལ་ལོ་ཞེས་པ་སྦྱོར་དགོས་ ཏེ༑ གང་ཞིག་གང་དང་འབྲེལ་བ་ནི། །རིང་ན་འདུག་ཀྱང་དེ་དང་དེ། །ཞེས་གསུངས་པའི་ཕྱིར། དཔེར་ན་དབུ་མ་ལ་འཇུག་པར། འགྲོ་བ་གཡོ་བའི་ཆུ་ཡིན་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་བར་མཐོད་བ་ཡིས།། ཞེས་པའི་མཐར་གོང་གི་སྙིང་རྗེར་གྱུར་གང་དེ་ལ་འདུད། ཅེས་བ་སྦྱར་བ་བཞིན་ཏེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་དང། ལས་ཀྱི་རྣམ་སྨིན་དང། མོས་པ་སྣ་ཚོགས་ དང། ཁམས་སྣ་ཚོགས་དང། དབང་པོའི་རིམ་པ་དང། ཐམས་ཅད་དུ་འགྲོ་བའི་ལམ་དང། ཀུན་ཉོན་རྣམ་བྱང་དང། སྔོན་གྱི་གནས་དང། འཆི་འཕོ་སྐྱེ་བ་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །ཕས་རྒོལ་གླང་པོ་ཆེ་ དྲེགས་པའི་ཀླད་པ་འགེམས་པ་སྟེ་ང་རྒྱལ་འཇོམས་ཤིང། ལེགས་པར་བཤད་པའི་སྒྲ་ཆེན་པོ་འཁོར་མང་པོའི་དབུས་སུ་བསྒྲགས་པས། སྨྲ་བ་ངན་པའི་ཝ་སྐྱེས་མཐར་ཏེ་ཕམ་པར་མཛད་པའི་མི་འཇིགས་པ་བཞི་དང་ལྡན་པའི་མིའི་སེང་ གེ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཚིགས་བཅད་ལྔ་པའི་དོན་ཏེ། མི་འཇིགས་པ་བཞི་ནི། རང་ཉིད་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་དང། རང་ཉིད་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་དང། བར་དུ་གཅོད་ [004B] ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་བཞིའོ། །སེམས་ཁེངས་པས་མཐོ་བའི་འཇིག་རྟེན་གྱི་མེས་པོ་ཚངས་པ་དང། ཉག་ཕྲན་སྟེ་མདའ་ལྔའི་བདག་པོ་དགའ་རབ་དབང་ཕྱུག་གམ། ལྷ་མིན་གྱུ་བུ་མོ་ ཉག་ཕྲན་གྱི་བདག་པོ་སྟེ་ཁྱོ་འདོད་ལྟའི་བུ་མོ་འགག་བ་དང། ཤེས་རབ་ཀྱིས་རློམ་པའི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་གང་གིས་ཀྱང་སྨྲ་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་མཆོག་བསྐོར་བའི་སྒོ་ནས་འགྲོ་བ་རྣམས་ལ་བྱམས་པའི་མཛད་བཤེས་ མི་ཕམ་མགོན་པོ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཚིགས་བཅད་དྲུག་པའི་དོན་ནོ། །སྐུ་དང་གསུང་ལ་འཁྲུལ་པའི་མིང་ཡང་མེད་པ་སྟེ་སྤྲུལ་ནག་པོ་རྐང་པས་རྫི་བ་ལ་སོགས་པའི་འཁྲུལ་པ་མི་མངའ་བའི་ལུས་ཀྱི་ལས་ དག་པ་དང། ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་བ་ལ་སོགས་པའི་ཁྲུལ་བ་མི་མངའ་བའི་ངག་གི་ལས་དག་པ་དང། དྲན་པ་མ་ཉམས་པ་སྟེ་བརྗེད་ནས་བྱ་བ་ཤོར་བ་དང་དུས་ལས་ཡོལ་བའི་དྲན་པ་ཉམས་པ་མི་མངའ་བ་དང། རྟག་ཏུ་ མཉམ་པར་བཞག་པ་སྟེ་སྙོམས་པར་ཞུགས་རུང་མ་ཞུགས་རུང་དུས་ཐམས་ཅད་དུ་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང། ཐ་དད་འཛིན་པ་མ་བརྟགས་བཏང་སྙོམས་ཀྱིས་དབེན་པ་སྟེ་སྲིད་ཞི་ལ་དོན་དམ་པར་ཐ་དད་དུ་འཛིན་པ་ མ་བརྟགས་བཏང་སྙོམས་ཀྱིས་དབེན་པ་སྟེ་སྲིད་ཞིལ་དོན་དམ་པར་ཐ་དད་དུ་འཛིན་པའི་འདུ་ཤེས་མི་མངའ་བ་དང། སེམས་ཅན་འདུལ་བའི་དུས་ལ་སོགས་པ་སོ་སོར་མ་བརྟགས་པར་དེའི་དོན་ཡལ་བར་འདོར་བའི་བཏང་སྙོམས་མི་ [005A]༄༅། །མངའ་བ་བཞི་ནི་ཡིད་ཀྱི་ལས་དག་པ་སྟེ། དེ་ལྟར་སྤྱོད་པ་མ་འདྲེས་པ་དྲུག་དང་ལྡན་པའི་ཕྱིར་བྱམས་མགོན་ཁྱོད་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་འདུན་པ་དང་ནི་བརྩོན་འགྲུས་དང་དྲན་པ་དང། ཏིང་ངེ་འཛིན་ དང་ཤེས་རབ་དང་རྣམ་པར་གྲོལ་བ་ལ་ཉམས་པའི་གོ་སྐབས་མ་ལུས་པ་རིང་དུ་མཛད་པ་སྟེ། དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་མ་དད་པ་ལ་རྒྱུན་མི་འཆད་པར་འདོད་པ་འབྱུང་བའི་འདུན་པ་ཉམས་པ་མི་མངའ་བ་དང། སེམས་ཅན་གྱི་དོན་དུ་ ཞིང་ཁམས་མཐའ་ཡས་པར་གཤེགས་པའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང། སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་དེ་འདུལ་བའི་ཐབས་ལ་སོགས་དྲན་པའི་ལམ་དུ་བཞག་པས་ཕྱིས་དེ་ལ་བསམ་ མི་དགོས་པའི་དྲན་པ་ཉམས་པ་མི་མངའ་བ་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་ཆོས་སྟོན་པ་མཁྱེན་པ་མི་ཟད་པའི་ཤེས་རབ་ཉམས་ པ་མི་མྦ་བ་དང། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་མི་ཟད་པའི་རྣམ་པར་གྲོལ་བ་ལས་ཉམས་པ་མི་མདའ་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག་དང་ལྡན་པ་དེའི་ཕྱིར་བྱམས་མགོན་ཁྱོད་ཀྱི་རྟོགས་པ་བླ་ན་མེད་པ་ དང། འདས་པ་དང་མ་འོངས་པ་དང་ལྟར་བྱུང་བའི་ཤེས་བྱ་ཐམས་ཅད་བཞེད་བ་ཙམ་གྱིས་མཁྱེན་པ་ཙམ་གྱིས་མཁྱེན་པ་ཆགས་པ་མེད་པ་དན་ཐམས་ཅད་ཁྱེན་པ་ཐོགས་པ་མེད་པའི་མཁྱེན་པ་སྟེ་ཡེ་ཤེས་མ་འདྲེས་པ་གསུམ་དག། སྐུ་དང་གསུང་ [005B] སངས་ རྒྱས་ཀྱི་ཆོས་མ་འདྲེས་བ་བཅོ་བརྒྱད་ཀྱི་སྒོ་ནས་སྲིད་པའི་ཕྱི་མཐའ་ཇི་སྲིད་དེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་པའི་དོན་མཛད་པའི་ཁུར་གྱིས་སྐྱོ་དལ་མེད་པར་དགྱེས་བཞིན་དུ་འཇུག་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། ཞེས་པ་ནི་སྒུ་དང་ཞེས་ སོགས་ཚིགས་བཅད་གསུམ་གྱི་དོན་ནོ། དེ་ལྟར་རྒྱ་ཆེ་བའི་ཡོན་ཏན་གྱི་ཕུང་པོ་རབ་ཏུ་རྫོགས་པས་ན། སྐྱོན་རགས་པ་བཅོམ་པར་མ་ཟད་ཕྲ་མོའི་སྐྱོན་ཡང་འཇུག་པའི་གོ་སྐབས་གཏན་ནས་བཅོམ་པ་ཁྱོད་ཀྱི་བརྩེ་ བ་ཆེན་པོའི་ཡུལ་དུ་གྱུར་བ་བདག་སྨྲེ་སྔགས་ཀྱི་སྒོ་ནས་སྨྲ་བ་འདི་རྣམས་ལ་ཡུད་ཙམ་ཞིག་ཐུགས་དགོངས་གཏད་པར་ཞུ། ཞེས་པ་ནི་ཚིགས་བཅད་ཐ་་མའི་དོན་ནོ། །གཉིས་པ་ལ་གཉིས། དལ་འབྱོར་ལ་སྙིང་པོ་ལེན་འདོད་སྐྱེ་བར་གསོལ་ བ་གདབ་བ། སྙིང་པོ་དངོས་ལེན་པའི་དོན་དུ་གསོལ་འདེབས་སོགས་བྱ་བའོ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ། །ཞེས་པ་ནས། བདག་ལ་ཁྱོད་ཀྱིས་ཐུགས་ཀྱིས་གཟིགས་སུ་་གསོལ། ཞེས་གསུངས་ཏེ། སྤྱོང་འཇུག་ལས་ མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས་བ་ལྟར། འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་གྲུ་ལྟ་བུ་ནི་དལ་འགྱོར་ཚད་བའི་རྟེན་འདི་ཡིན་ན་ཡང། རྟེན་འདི་ཉིད་འཁོར་བ་ལས་སྒྲོལ་བྱེད་ [006A]༄༅། །ཀྱི་ཐབས་སུ་མེ་འཁྱེར་བར། བག་མེད་པ་དང། ལེ་ལོ་དང། གཉིད་དང། བྲེ་མོའི་གཏམ་དང། རྙེང་པ་དང་བཀུར་བསྟི་འདོད་པའི་སྐྱོན་གྱིས་སྤགས་པས། ཚེ་འདི་ཙམ་གྱི་བདེ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ ཐབས་འབའ་ཞིག་སེམས་པའི་སྒོ་ནས། རྡོ་བརྡར་བའི་དཔེ་ལྟར་དོན་མེད་པའི་ཕྱོགས་སུ་བཀོལ་བས། གནས་སྐབས་དང་མཐའ་ཐུག་གི་དོན་ཆེན་པོ་བདེ་བླག་ཏུ་སྒྲུབ་པའི་ལུས་བཟང་པོ་ཆུང་གཟོན་པར་བྱེད་པ། ནགས་ཀྱི་མི་བཞིན་དུ་ མིའི་ཤ་ཚུགས་ཅན་ཡིན་པ་ལ་ཕྱུགས་ཀྱི་འདུ་ཤེས་ཅན་བདག་ལ། བྱམས་མགོན་ཁྱོད་ཀྱིས་འགྲོ་བ་རྣམས་ཡ་ཉིན་མཚན་དུས་དྲུག་ཏུ་གཟིགས་པའི་ཐུགས་རྗེ་ཆེན་པོས་གཟིགས་ནས་དལ་འབྱོར་ལ་སྙིང་པོ་ལེན་འདོད་བཅོས་མ་མ་ཡིན་ པ་བསྐྱེད་པར་མཛད་དུ་གསོལ། ཞེས་པའོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་དུ་དང་ཐུན་མོང་བའི་ལམ་སྐྱེ་བར་གསོལ་བ་གདབ་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་སྐྱེ་བར་གསོལ་བ་གདབ་པ། སྐྱེས་བུ་ཆེན་པོའི་ལམ་སྐྱེ་ པའི་དོན་དུ་གསོལ་འདེབས་སོགས་བྱ་བའོ། །དང་པོ་ལ་གཉིས། འཆི་བ་མི་རྟག་སོགས་བསམ་པའི་སྒོ་ནས་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པར་གསོལ་བ་གདབ་པ། ངན་འགྲོའི་སྡུག་བསྔལ་བསམ་པའི་སྒོ་ནས་འཇིག་རྟེན་ཕྱི་ མར་བདེ་བའི་ཐབས་བསྟེན་པར་གསོལ་བ་གདབ་པའོ། །དང་པོ་ལ་གསུམ། ན་རྒ་འཆི་བ་རྗེས་སུ་དྲན་ནས་དལ་འབྱོར་དོན་ལྡན་དུ་བྱེད་པར་གསོལ་བ་གདབ་པ། སྐྱེ་བ་ཕྱི་མར་མཐོ་རིས་ཐོབ་པའི་གདེངས་མེད་ཚུལ་བསམ་པའི་ [006B] མཐོ་རིས་ཐོབ་ཀྱང་ཡིད་བརྟན་དུ་མི་རུང་བའི་ཚུལ་བསམ་པའི་སྒོ་ནས་དལ་འབྱོར་དོན་ལྡན་དུ་བྱེད་པར་གསོལ་བ་གདབ་པའོ། །དང་པོ་ནི། རྙེད་དཀའ་དོན་ཆེའི་དལ་འབྱོར་ཐོབ་པ་ཡང།། ཞེས་པ་ནས། རབ་རྨོངས་བདག་ལ་བརྩེ་བའི་དུས་ལ་བབ། ཅེས་གསུངས་ཏེ། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་ཀར་རུ་སྤལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ ཐོབ་དཀར་གསུངས། །ཞེས་པ་ལྟར་ཤིན་ཏུ་རྙེད་པར་དཀའ་ཞིང། སློབ་དཔོན་དཔའ་བོས། གང་ཞིག་ཐོབ་ན་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག། ཡིད་བཞིན་ནོར་བུ་ལས་ལྟག་ པའི༑ ༑ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་གསུངས་པ་ལྟར་རྙེད་ན་དོན་ཤིན་ཏུ་ཆེ་བའི་དལ་འབྱོར་ལན་གཅིག་ཐོབ་པ་འདི་ཡང། མི་རྟག་པའི་ཚོམས་ལས་གསུངས་པ་ལྟར་ནམ་འཆི་བའི་ ངེས་པ་མེད་པ་སྟེ་རྒན་གཞོན་གྱི་གོ་རིམ་མ་ངེས་པར་འཆི་བ་དང། ཤྲི་ཛ་ག་ཏ་མི་ཏྲས། ལྷ་ཅིག་ཇི་ལྟར་ཁྱོད་འབྱོར་ཀྱང། །གཤེགས་ནས་འཇིག་རྟེན་གཞན་བཞུང་ཚེ། །མྱ་ངན་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་ བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང། །གཟིགས་སུ་མ་མཆིས་གས་ན་མ་མཆིས། །གཅིག་ཙམ་ཉིད་ཅིག་ཕྱི་ཐག་ [007A]༄༅། །གིས༑ ༑རྗེས་སུ་འབྲང་བའང་མི་མདའོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང། །དེ་ཚེ་མེད་ན་གཞན་ཅི་སྨོས། ཞེས་གསུངས་པ་ལྟར་འཆི་བའི་དུས་ཀྱི་ཚེན་ལུས་ལོངས་སྤྱོད་འཁོར་གཉེན་བཤེས་ཐམས་ཅད་ དོར་ནས། རང་ཉིད་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཤེས་བཞིན་དུ་མ་དྲན་པར་བློས་མི་འཆི་བའི་ཕྱོགས་འཛིན་བའི་དབང་གིས། ཕྱི་མའི་དོན་དུ་མ་འབད་པར་ལོ་ཟླ་ཞག་རྣམས་དོན་མེད་དུ་འདའ་བར་བྱེད་པ། སྦྱོང་འཇུག་ ནས་གསུངས་པ་ལྟར་ངན་སྔགས་ཀྱིས་མགོ་བ་སྐོར་བའི་མི་བཞིན་དུ་རབ་ཏུ་རྨོངས་པ་བདག་ལ་ཐུགས་བརྩེ་བ་ཆེན་པོའི་དབང་གིས་དལ་འབྱོར་དེན་མེད་དུ་འདའ་བ་ལས་སྐྱོབ་པའི་དུས་ལ་བབ་པོ་ཞེས་པའོ། །གཉིས་པ་ནི། ངེས་པར་ ལེགས་པའི་གོ་འཕང་སྨོས་ཅི་དགོས། །ཞེས་པ་ནས། བདག་ལ་ཁྱེད་ཀྱི་བཏང་སྙོམས་མཛད་ལགས་སུ་སྔ་མ། ཞེས་གསུངས་ཏེ། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལྟ་སྨོས་ཅི་དགོས། ལམ་སྒྲུབ་པའི་རྟེན་དུ་ཐུབ་པའི་དབང་ པོས་ཡོངས་སུ་བསྔགས་པའི་དོན་ལྟར། སློབ་སྤྲིངས་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱར་ཅིང། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་ དང། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། ཞེས་བསྔགས་པའི་མཐོ་རིས་ཀྱི་མིའི་ལུས་ཙམ་ཡང་ངེས་པར་ཆེན་པོའི་སྒོ་ནས་རྗེས་སུ་གཟུང་དུ་གསོལ་ཞེས་པའོ། །གསུམ་པ་བརྩེ་བའི་གཏེར་ཆེན་ཁྱེད་ [007B] །གསུམ་པ་ནི། མཐོ་རིས་དཔལ་དང་ལྡན་པའི་ལུས་ཐོབ་ཀྱང། །ཞེས་པ་ནས། བདག་ལ་ཤེས་རབ་ སྒྲོན་མེ་སྩལ་དུ་གསོལ། ཞེས་གསུངས་ཏེ། མཐོ་རིས་ཀྱི་དཔལ་དང་ལྡན་པའི་དལ་འབྱོར་གྱི་ཡུས་རྟེན་ཐོབ་ཀྱང། གསུང་རབ་ཀྱི་དགོངས་དོན་ཚུལ་བཞིན་དུ་འབྱེད་པའི་ཤེས་རབ་ཀྱིས་ཚད་ལ་མ་ནོར་པའི་ལམ་བཟང་པོ་རྙེད་པར་ མ་གྱུར་ན། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང། །འཁོར་ལོས་སྒྱུར་པ་ཉིད་དུ་གྱུར་ནས་ཀྱང། །འཁོར་པ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ ལ༑ ༑རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་འབར་བའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་ཟད་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་སླར་ཡང་འཁོར་བའི་རྒྱ་མཚོའི་གཏིང་མ་ནང་མེད་ སོགས་སུ་ལྟུང་བར་འགྱུར་བ་དེའི་ཕྱིར་གཏི་མུག་མུན་པའི་སྨག་ཆེན་གྱིས་ཡུན་རིང་པོའི་དུས་སུ་བསྒྲིབས་པའི་དབང་གིས། བླང་དོར་གྱི་གནས་རྣམས་ཇི་ལྟ་བ་བཞིན་འབྱེད་པ་ལ་རྣམ་པ་ཀུན་ནས་འཐོམས་ཤིང་རྨོངས་བར་གྱུར་ བ་བདག་ལ། བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་སྒྲོན་མེ་སྩལ་དུ་གསོལ་ཞེས་པའོ། །གཉིས་པ་ནི། རབ་འབར་ལྕགས་ཀྱིས་གཞིར་མེ་ལྕེས། ཞེས་པ་ནས། ངན་འགྲོའི་འཇིགས་ལས་སྐྱོབ་ [008A]༄༅། །པའི་དུས་ལ་བཱ་བཱ། ཅེས་གསུངས་ཏེ། ཚ་དམྱལ་ནི། རབ་ཏུ་འབར་པའི་ལྕགས་ཀྱིས་ཀ་གཞིར་གནས་པ་དང་མར་མེའི་སྙིང་པོ་བཞིན་ལུས་ཐམས་ཅད་མེ་ལྕེ་འབར་བས་སྲེག་པར་བྱེད་ཅིང། ལུས་ལ་ མཚོན་ཆ་སྣ་ཚོགས་པའི་ཆར་བ་འབབ་པ་དང། གཤིན་རྗེའི་སྐྱེས་བུ་ཁྲོས་ཤིང་འཇིགས་སུ་རུང་བའི་གསལ་ཤིང་ལ་བསྐྱོན་པ་སྟེ་ལྕགས་ཀྱིས་གསལ་ཤིང་རབ་ཏུ་འབར་བས་འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན་པ་ལ་སོགས་པ་དང་ ཟངས་ཞུན་ལྟུང་བ་སྟེ་ཟངས་བསྐོལ་བ་ཁར་བླུ་ནས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་ཚིག་ནས་རོ་སྨྲན་ནས་འབྱུང་བ་དང། ཕུར་བུས་ལྕེ་ལ་འདེབས་བ་སྟེ་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ཕུར་བུ་བརྒྱས་བརྒྱངས་ནས་གླང་གི་ ཀོ་བ་ལ་བྱེད་པ་བཞིན་དུ་ཐང་བཅད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱེད་པ་ལ་སོགས་པ་མཐའ་ལས་སོ། །གྲང་དམྱལ་ནི། གངས་རིས་བསྐོར་བའི་འཁྱགས་པའི་སྤུབས་སུ་ཆུང་བ་དང། བུ་ཡུག་འཚུབས་པའི་རླུང་གིས་རྟག་ ཏུ་བཏབ་བསལ་ལར་ལུས་ལ་ཆུ་བུར་བརྒྱ་འབྱུང་བ་དང། ལ་ལར་ཆུ་བུར་དེ་རྡོལ་ཞིང་ལུས་ནི་ཚལ་དུ་མར་གས་པའོ། །ཡི་དྭགས་ནི། གདོང་སྐྲས་ཁེབས་པ་ཁ་ནི་ཤིན་ཏུ་བསྐམས་ཤིང་ལྕེས་ལྔག་པའོ། །འདི་ལ་གསུམ་ལས་ ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་ནི། ཆུ་ཀླུང་མཐོང་སྟེ་བཏུང་བའི་ཕྱིར་བརྒྱུགས་པ་ན་དེར་རལ་གྲི་དང་མདུང་ལ་སོགས་པ་ཐོགས་པའི་སྐྱེས་བུས་འགེགས་ཤིང། ཆུ་ཡང་རྣག་ཁྲག་ཉིད་དུ་མཐོང་ནས་འཐུང་བར་མི་ [008B] །ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་ནི་ཁབ་ཀྱི་མིག་ཙམ་ལ་ཝ་བས་མགྲིན་པ་འགགས་པས། གཞན་གྱིས་གེགས་མ་བྱས་པར་ཟས་སྐོམ་རྙེད་ཀྱང་སྤྱོད་མི་ནུས་པའོ། །ཟས་སྒོམ་ཉིད་ལ་སྒྲིབ་ཡོད་པ་ནི། ལ་ ལ་ཟོས་ཤིང་འཐུངས་བ་རྣམས་མེར་འབར་ནས་འཚིག་པར་བྱེད་ཅིང། ལ་ལ་བཤད་གཅིས་འཚོལ་རང་གི་ཤ་བཅད་དེ་ཟ་བའོ། །དུད་འགྲོ་ནི། མོངས་པའི་མུན་པ་ཆེན་པོས་འཐིབས་བས་ལམ་དང་ལམ་མིན་པ་འབྱེད་པ་ལ་བློའི་ནུས་པ་ དང་བྲལ་ཞིང། གཅིག་ལ་གཅིག་གསོད་བ་དང་ལྷ་དང་མིའི་གཞན་དབང་དུ་གྱུར་བས་བརྡེག་པ་དང་བཀོལ་བའི་སྡུག་བསྔལ་ལ་སོགས་པ་འབབ་པོ། །ལྷ་མ་ཡིན་ནི། ལྷ་རྣམས་ཀྱི་དཔལ་འབྱོར་ལ་འཁྲུག་པའི་ཕྲག་དོག་གི་མེ་ཆེན་ པོ་འབར་བས་ཡིད་བདེ་སྐྱེ་བའི་གོ་སྐབས་བཅོམ་ཞིང། ལྷ་རྣམས་དད་འཐབ་རྩོད་བྱས་པ་ལས་བྱུང་བའི་ལུས་བཅད་པ་དང་དྲལ་བ་ལ་སོགས་པའི་སྡུག་བསྔལ་དུ་མ་མྱོང་ཞིང། ཤེས་རབ་དང་ལྡན་ཡང་གཡོ་དང་སྒྱུས་བསླང་བས་ རྟེན་དེ་ལ་བདེན་པ་མཐོང་བའི་སྐལ་བ་མེད་པའོ། །དེ་ལྟར་དངོས་སུ་མཐོང་བ་ལྟ་ཞོག་ཚིག་ཙམ་ཐོས་ན་ཡང་སྙིང་ལ་འཇིགས་པ་ཆེན་པོ་བསྐྱེད་ཅིང་སྐྱི་གཡའ་བའི་དམྱལ་བ་བ་དང། ཡི་དགས་དང་དུང་འགྲོ་དང་ལྷ་མིན་གྱི་གཡངས་ཆེན་ པོ་དག་ཏུ་ལྷུང་བར་འགྱུར་བའི། སྐྱེས་བུ་དམ་པས་སྨང་བའི་མི་བཟང་པའི་སྡིག་པ་མི་དགེ་བའི་ལས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་བསགས་ཤིང། མ་འོངས་པའང་སོག་བར་འགྱུར་བ་གཡངས་ཆེན་པོ་ལྟུང་བ་ལ་ [009A]༄༅། །མངོན་དུ་ཕྱོགས་པའི་ཉམ་ཐག་པ་བདག་དན་འགྲོའི་འཇིགས་པ་ཆེན་པོ་དེ་ལས་སྐྱོབ་པའི་དུས་ལ་བབ་པོ་ཞེས་པ་སྟེ། འདི་རང་ན་འགྲོའི་སྡུག་བསྔལ་སྒོམ་ཚུལ་གཙོ་བོར་བཤད་ཀྱང། སྡུག་བསྔལ་ གྱིས་འཇིགས་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། སྡུག་བསྔལ་དེ་མི་དགེ་བའི་འབྲས་བུར་མཐོང་ནས་སྡིག་ལྟུང་ལ་འཇོམ་པ་དང། སྡུག་བསྔལ་མི་འདོད་པས་ནི་བདེ་བ་འདོད་ལ། དེ་ཡང་དགེ་བའི་འབྲས་བུར་ མཐོང་ནས་དགེ་བ་སྒྲུབ་པ་ལ་བརྩོན་པ་སོགས་རང་གི་དང་གིས་འབྱུང་བས་ཆོས་ཕྱི་མ་གཉིས་ཀྱང་འདིར་ལེགས་པར་ཚང་ངོ། །དེའི་ཕྱིར་ལ་མ་རིམ་ལས་སྡུག་བསྔལ་བསྒོམ་པ་ནི་ཉམས་ལེན་གྱི་ནང་དུ་མ་ཞིག་འདུས་པའི་སྡོམ་ཆེན་ པོར་གསུངས་པ་དང། ཀུན་དགའ་བོའི་ཚ་བོ་དཔེར་མཛད་ནས་ལེ་ལོ་འགོག་ཅིང་ལམ་སྒྲུབ་པའི་བརྩོན་འགྲུས་སྐྱེད་པ་དང། ཡིད་ཐར་པ་ལ་སྐུལ་བ་ལ་སོགས་པའི་མན་ངག་ལ། སྟོན་པ་ཞལ་བཞུགས་པ་ན་ཡང་སྡུག་བསྔལ་སྒོམ་ པ་ལས་ལྷག་པ་གསུང་རྒྱུ་མེད་པར་གསུངས་སོ། །གཉིས་པ་ལ་གསུམ། སྡུག་བདེན་གྱི་ཉེས་དམིགས་དྲན་ཏེ། དེ་ལས་སྐྱོབ་པར་གསོལ་བ་གདབ་པ། ཀུན་འབྱུང་གིས་བཅིངས་ཚུལ་བསམ་ཏེ་དེ་ལས་སྐྱོབ་པར་གསོལ་བ་ གདབ་པ། སྡུག་ཀུན་འགོག་བྱེད་ཀྱི་ལམ་རྒྱུད་ལ་སྐྱེས་པར་གསོལ་བ་གདབ་པའོ། །དང་པོ་ནི། མི་ཡི་གནས་ནའང་ལོངས་སྤྱོད་དབང་ཕྱུག་གིས། །ཞེས་པ་ནས། སྲིད་པའི་ཆུ་པོ་ཆེ་ལས་བསྒྲལ་དུ་གསོལ། །ཞེས་གསུངས་ [009B] གོང་དུ་སྨོས་པའི་འགྲོ་བ་དེ་དག་ལ་སྡུག་བསྔལ་ཡོད་བར་མ་ཟད། མིའི་གནས་སུ་སྐྱེས་ནའང་ལོངས་སྤྱོད་དང་དབང་ཕྱུག་གིས་མངོན་པར་མཐོ་ན་དེ་རྣམས་ཉམས་པར་འགྱུར་གྱི་དོགས་པའི་སྡུག་བསྔལ་དང། མཐོ་རིང་ ཀྱི་ཡོན་ཏན་བདུན་གྱི་ནང་ཚན་འབྱོར་པས་ཕོངས་པར་གྱུར་ན་འདོད་པའི་བདེ་བ་འཚོལ་བར་གྱུར་བས་ཤ་ཐང་ཐང་དུ་འབད་པའི་སྡུག་བསྔལ་འབྱུང་ངོ། །འདོད་པའི་བདེ་བ་ཐོབ་པར་འདོད་ནས་བདེ་བ་དེ་ཐོབ་པའི་ཐབས་ཉོ་ཚོད་དང་སོ་ནམ་ ལ་སོགས་བ་དཀའ་སྦྱང་དུ་མས་བསྒྲུབས་པས། འགྲུས་བུ་བདེ་བ་དེ་ལས་ཆེས་ཆེར་ལྟག་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་ཡིད་མི་བདེ་པ་རྣམ་བ་དུ་མས་ཀུན་ནས་མནར་བར་འགྱུར་རོ། །འདོད་པའི་ལྷ་ནི། ལུས་ཤིན་ཏུ་མཛེས་ པ་ལ་རིན་སྡོ་ཆེ་སྣ་ཚོགས་བའི་རྒྱན་གྱིས་རབ་ཏུ་བརྒྱན་ནས། ཁང་བཟང་རྣམས་དང་དགའ་བའི་ཚལ་དུ་གནས་བཅས་ཤིང་ཡུན་རིང་བོར་འདོད་པའི་བདེ་བ་སྣ་ཚོགས་ལ་ལོངས་སྤྱོད་བ། མཐོ་རིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་བའི་ ལ་ལ་དགྱེས་མགུར་འོལ་བའི་ལྟ་རྣམས་ཀྱང། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང། སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ།། ཞེས་པ་ལྟར། མི་འདོད་བཞིན་འཆི་བའི་ལྟས་ཀྱིས་ཟིན་བར་གྱུར་བ་ན། ཡིད་འཕྲོག་སྙིང་ལ་གཅགས་པར་གྱུར་བའི་ལྟའི་མཛེས་མ་དང། ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང། བདུད་རྩིའི་ཁ་ཟས་དང། གོས་བཟང་པོ་ [010A]༄༅། །དང། མཛེས་པའི་རྒྱན་དང། ལྷའི་བུ་གཞོན་ནུ་རྣམས་དང་མྱུར་དུ་བདག་ཉིད་མི་འདོད་བཞིན་དུ་འབྲལ་བར་མཐོང་བའི་ཚེ་ན། གནས་དེར་སྐྱེས་པའི་ལུས་ཀྱི་བདེ་བ་སྔར་མྱོང་བ་ལས་ཆེས་ཆེར་ལྷག་པའི་ཡིད་ ཀྱི་སྡུག་བསྔལ་གྱིས་བསྐྱེད་པའི་མྱ་ངན་གྱི་མེ་ལྕེ་འབར་བས་བསྲེག་པ་དང། སྔོན་ཚེ་རབས་མང་པོར་ལེགས་པར་སྦྱང་བའི་ལས་འབད་པ་དུ་མས་བསྒྲུབས་པའི་འབྲས་བུ་སྦྱད་པས་ཟད་ཅིང། བག་མེད་པའི་དབང་གིས་ངན་འགྲོའི་རྒྱུ་མང་ པོ་བསྒྲུབས་པས་སླར་མང་ངན་སོང་གི་གནས་སུ་ལྟུང་བར་འགྱུར་རོ། །གོང་མའི་ལྷ་ནི། འདོད་པ་ལ་འདུན་པའི་རྣམ་རྟོགས་དང་གནོད་སེམས་མེད་ལ། གཉིད་དང་ཡིད་ལ་གདུང་བའི་འགྱོང་པ་སྤངས་ཤིང། ལུས་དང་སེམས་ལ་གནོད་ པའི་སྡུག་བསྔལ་དང་བྲལ་བ་དང། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུན་རིང་པོར་བར་གནས་པ། གཟུགས་དང་གཟུགས་མེད་པའི་ལྟའི་གནས་ཐོབ་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་འཆིང་བ་ལ་སྨ་གྲོལ་བས། སྔོན་གྱི་རྒྱུ་ སྙོམས་འཇུག་གི་ཏིང་ངེ་འཛིན་གྱི་འཕེན་པའི་ནུས་པ་ཟད་པར་གྱུར་པ་ན། ཕྱིར་ཡང་འོག་ཏུ་ལྷུང་ནས་འགྲོ་བ་བཟང་ངན་སྣ་ཚོགས་སུ་བརྒྱུད་མར་འཁོར་བར་འགྱུར་རོ། །གོང་དུ་བཤད་པའི་ཚུལ་དེ་ལྟར་འཁོར་བའི་གཙོ་བོ་ལྷ་དང་མི་ ཡང་སྐྱེ་བ་དང་འཆི་བ་དང་ན་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར་བར་འགྱུར་བས་ན། སྲིད་པའི་བདེ་བ་ལ་ཆགས་པར་མི་རིགས་པ་ཡིན་མོད། འོན་ཀྱང་སྲིད་པའི་ཕུན་ཚོགས་ལ་ཞེན་པའི་སྲེད་ [010B] སྡུག་བསྔལ་ལ་བདེ་བར་འཛིན་པའི་ལོག་ཤེས་ཅན། གཙང་བདེ་རྟག་བདག་གི་ཕྱིན་ཅི་ལོག་གིས་བསྒྲིབས་པ་བདག་སྲིད་པ་འཁོར་བའི་ཆུ་པོ་ཆེན་པོ་ལས་བསྒྲ་ལ་དུ་གསོལ་ཞེས་པའོ། །གཉིས་ པ་ནི། འདོད་པའི་འདམ་དུ་བྱིང་བས་ཐར་བའི་ལམ་ལས་གོལ། ཞེས་པ་ནས། ལས་ཀྱིས་མ་ནར་བ་དད་ག་ནི་ཁྱེད་ཀྱི་ཐུགས་རྗེའི་གནས། ཞེས་གསུངས་ཏེ། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ ལ་ཡོད། །རང་ཁྱེམ་ལ་བཞིན་སྲེད་པ་ནི། །འདི་ནས་འབྱུང་བའང་བྱ་བར་དཀའ། ཞེས་གསུངས་པ་ལྟར། འདོད་པ་ལ་སྲེད་པའི་འདམ་དུ་བྱིང་བས་ཐར་བའི་ལམ་ཞི་བ་དོན་གཉེར་གྱི་བསམ་པ་ལས་གོལ་བ་དང། མ་རེག་པའི་མུན་ པ་འཐིབས་པོར་ཞུགས་པས་བདེན་བཞིའི་བླང་དོར་མཐོང་བའི་ཤེས་རབ་ཀྱི་མིག་དང་བྲལ་བ་དང། སློས་པའི་གཟེབ་ཏུ་ཚུང་པ་སྟེ་བདེན་འཛིན་གྱི་མ་རིག་པའི་གཞན་དབང་དུ་སོང་པས་འཁོར་བའི་བཙོན་རང་བཅིངས་པ་དང་ ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་པ་ཡིན། ཞེས་གསུངས་པ་ལྟར། མ་རིག་པ་དེའི་དབང་གིས་བསགས་པའི་ལས་ཀྱིས་འཁོར་བར་ཡང་ཡང་སྐྱེས་ནས་སྡུག་བསྔལ་གསུམ་པོ་གང་རུང་གིས་རྒྱུན་དུ་མནར་ པ་བདག་ནི། བྱམས་མགོན་ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་གཟིགས་ནས་ལས་ཉོན་གྱི་འཆིང་བ་ལས་སྒྲོལ་བར་འོས་བའི་གནས་ཡིན་ནོ་ཞེས་པའོ། །གསུམ་པ་ནི། འཇིགས་རུང་འཁོར་པའི་གཡངས་བགེགས་པ་ལ་ [011A]༄༅། །ཞེས་པ་ནས། ཚུལ་འདི་དགོངས་ལ་སྙིང་གི་མུན་པ་སེལ། །ཞེས་གསུངས་ཏེ། སྔར་བཤད་པ་ལྟར་འཇིགས་སུ་རུང་བའི་འཁོར་བའི་གཡང་ས་བགེགས་པ་ལ། ཀུན་སློང་ངན་པའི་དྲི་མ་ མེད་པའི་མང་དུ་ཐོས་པ་ལ་བརྟེན་པ་ཡི་སྟེ། བརྟེན་ནས་བྱུང་བའི་ཚུལ་བཞིན་དུ་དཔྱོད་པའི་རྣམ་དག་རིགས་པའི་སྟོབས་ཀྱིས། མཐའ་ཡས་པའི་གསུང་རབ་རྣམས་ཀྱི་དྲང་བ་དང་དེས་པའི་ཚུལ་ཇི་ལྟ་བ་བཞིན་དུ་འབྱེད་ པ་ལ་གཞན་དྲིང་མི་འཇོག་པ་སྟེ་གཞན་ལ་རིག་མ་ལས་པའི་མཁས་པའི་གོ་འཕང་ངེས་པར་རྙེད་པ་ཞིག་དགོས་པ་ཡིན་མོད། འོན་ཀྱང་གསུང་རབ་ཀྱི་དྲང་ངེས་འབྱེད་པ་ལྟ་བུ་རྒྱལ་བའི་དགོངས་པ་ཕྲ་མོ་ལྟ་སྨོས་ཀྱང་ཅི་ དགོས། དགེ་མི་དགེའི་བླང་དོར་ལྟ་བུ་འཇུག་ལྡོག་གི་གནས་ཤིན་ཏུ་རིགས་པ་ལའང་བདག་གི་བློ་གྲོས་ཀྱི་མིག་ཆེས་ཆེར་གསལ་པར་མ་གྱུར་ལ། ད་དུང་ཡང་རབ་ཏུ་རྨོངས་པ་མ་རིག་པའི་དགྲ་འདིས་བདག་གི་སྙིང་ ཡུན་རིང་དུ་བསྒྲིབས་ནས། སྔོན་ཆད་གྲོལ་བའི་སྐབས་མེད་པར་གྱུར་བའི་ཚུལ་འདི་ཐུགས་བརྩེ་བ་ཆེན་པོས་དགོངས་ལ། སྙིང་གི་མུན་པ་སྟེ་མ་རིག་པ་སྤྱི་དང་ཁྱད་པར་འཁོར་བའི་རྩ་བར་གྱུར་བའི་བདག་འཛིན་གྱི་མ་ རིག་པ་སེལ་བར་མཛོད་ཅིག་ཅེས་པའོ།། །གསུམ་པ་ལ་གསུམ། སྐྱེས་བུ་ཆེན་པོའི་ལམ་དུ་འཇུག་པའི་རྟེན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཛད་པར་གསོལ་བ་གདབ་པ། རང་བཞིན་གྱི་དོན་རླབས་པོ་ཆེ་ [011B] བསགས་པའི་དགེ་བ་རྣམས་སྐྱེས་བུ་ཆེན་པོའི་ལམ་འབྲས་བུ་དང་བཅེས་པའི་རྒྱུར་བསྔོ་བའི་སྒོ་ནས་དེ་དག་ལ་སྨོན་ལམ་ གྱི་རྣམ་པས་སྒོམ་ཚུལ་བསྟན་པའོ། །དང་པོ་ནི། རྒྱལ་བ་རྒྱལ་སྲས་སྦྱན་སྔར་རིག་གནས་ལ། །ཞེས་པ་ནས། སྐྱེ་བ་སྐྱེ་བར་ཐེག་མཆོག་བཤེས་གཉེན་མཛོད། །ཅེས་གསུངས་ཏེ། སྔོན་གྱི་རྒྱལ་བ་དང་རྒྱལ་ བའི་སྲས་རྣམས་ཀྱི་སྦྱན་སྔར་རིག་གནས་ལྔ་ལ་མང་དུ་ཐོས་པ་རྒྱ་མཚོ་སྟེ་རྒྱ་ཆེན་པོས་སྐྱེ་བ་དུ་མར་ཡང་དང་ཡང་དུ་སྦྱངས་པའི་བག་ཆགས་ལེགས་པར་སང་པ། །འགྲོ་བ་རྣམས་ལ་ལམ་བཟང་པོ་མཚོན་པ་སྟེ་སྟོན་པའི་ མིག་གཅིག་བུ། འཛམ་གླིང་རྒྱན་མཆོག་གཉིས་དང་ཇོ་བོ་ཡབ་སྲས་ལ་སོགས་པ་སྔོན་གྱི་དམ་པ་རྣམས་ཀྱིས་འདུལ་བར་མ་ནུས་པར་ཡལ་བར་དོར་བ་དེའི་ཕྱིར། མགོན་སྐྱབས་དང་བྲལ་པའི་ཕོངས་པ་བདག་ཕྱོགས་རྣམས་ བསླད་པ་སྟེ་ལ་མ་ནོར་ནས་འཁྱམས་པའི་འགྲོན་པོ་གར་འགྲོ་གཏོལ་མེད་པ་བཞིན་དུ། འམ་དང་ལམ་མ་ཡིན་པའི་དབྱེ་བ་མི་ཤེས་པར་གང་བྱེད་གཏོལ་མེད་དུ་གྱུར་བས། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པ་ཁྱེད་ཀྱིས་རྗེས་ སུ་གཟུང་བའི་དུས་ལ་བབ་པོ། སྔར་ཡང་དང་ཡང་དུ་གུས་པས་ཆེན་པོས་བསྟེན་པའི་སྐྱབས་དམ་པ་བྱམས་པ་མགོན་པོ་བྱམས་པ་ཆེན་པོས་འགྲོ་བ་རྣམས་སྒྲོལ་བར་མཛད་པ་ཁྱོད་དུས་བ་མྱུར་བར་བྱོན་ནས། བདག་གི་སྐྱེ་བ་སྐྱེ་ [012A]༄༅། །བར་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་མཛོད་ཅིག་ཅེས་པའོ། །གཉིས་པ་ནི། རྟག་ཏུ་བརྩེ་བ་ལུས་ཅན་མཐའ་དག་ལ། །ཞེས་པ་ནས། །ཞེན་མེད་མ་ཆགས་བློ་ཡིས་འབུལ་བར་བགྱི། །ཞེས་གསུངས་ཏེ། དུས་ རྟག་ཏུ་བརྩེ་བ་ཆེན་པོ་ལུས་ཅན་མཐའ་དག་ལ་དུས་རྒྱུན་མི་ཆད་པར་གཟིགས་པ་ཁྱོད་ཀྱི་ཞབས་དྲུང་དུ། བྱམས་མགོན་གང་གི་ཡོན་ཏན་དྲན་པས་དང་བའི་ཡིད་ཉིན་རེ་བཞིན་དུ་སླེབ་པར་བགྱིས་ན་ཡང། གནས་ཀྱིས་བསྐལ་བ་སྟེ་ ཡུལ་ཐག་རིང་བར་སོང་ཞིང། སྔར་འོལ་ཁ་ཆོས་ལུང་དང་དྭགས་པོ་སྨན་ལུང་རྒྱ་སོགས་ཕུར་བཞུགས་ཏེ་དབེན་པའི་རོ་མྱང་མོད། སླར་ཡང་བདེན་པའི་རོ་རབ་ཏུ་མྱང་བའི་ཕྱིར་ཐག་རིང་ཕེའི་གནས་རྒྱ་གར་ཤིང་གི་རི་སོགས་སུ་འཇུག་ པ་སྟེ་འགྲོ་བར་འདོད་པས། རྗི་ང་ཇི་ངེར་རེ་ཞིག་ལུས་ཀྱིས་བགྲོང་པར་མི་ནུས་སོ། རྒྱུ་མཚན་དེ་བས་ན་བསོད་ནམས་གསོག་པའི་ཞིང་གི་དམ་པ་ཁྱོད་ཐུགས་མཉེས་པར་བགྱི་བའི་སླད་དུ། ལྷག་པའི་བསམ་པ་རྣམ་པར་དག་ པའི་སྒོ་ནས་རིན་ཆེ་ནས་ལེ་སྦྲན་སྟེ་གསིར་དང་ལྷའི་རྫས་དར་དང། དགེ་སྦྱོང་རྣམས་ལ་ཉེ་བར་མཁོ་བར་སྟོན་པ་ཐུབ་པའི་དབང་པོས་བསྔགས་པ་མཛད་པའི་རྣམ་སྦྱར་བླ་གོས་མཐང་གོས་ཏེ་ཆོས་གོས་རྣམ་གསུམ་དང། བསིལ་ བྱེད་དེ་མཁར་བསིལ་དང་དྲང་སྲོང་སྣོད་ལྷུང་བཟེད་དང། གཞན་ཡང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་སྟོབས་གྱིས་སྦྲུལ་བའི་བཀོད་པ་ལེགས་པ་སྟེ་མཛེས་ཤིད་ཡིད་འཕྲོག་བར་ནུས་པའི་མཆོད་པ་ནམ་མཁའི་ཁྱོན་ཐམས་ [012B] རྐང་གཉིས་རྣམས་ཀྱི་གཙོ་བོ་སྟེ་མཆོག་རྗིད་ང་རྗིའི་བྱམས་མགོན་ལ་སེར་སྣའི་ཞེན་པ་མེད་ཅིང་མ་ཆགས་པའི་བློ་ཡིས་དབུལ་བར་བགྱེའ་ཞེས་པའོ། གསུམ་པ་ལ་གསུམ། བསགས་ པའི་དགེ་ཚོགས་འགྲོ་བའི་མགོན་སྐྱབས་སུ་གྱུར་བར་བསྔོ་བའི་སྒོ་ནས་ཐིག་ཆེན་སེམས་བསྐྱེད་ཀྱི་དམིགས་རྣམ་སྤྱོད་ཚུལ་བསྟན་པ་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཚུལ་བཞིན་དུ་སློབ་པའི་རྒྱུར་བསྔོ་བའི་སྒོ་ནས་བྱོང་སེམས་ཀྱི་ལམ་ སྨོན་ལམ་གྱི་རྣམ་པས་སྒོམ་ཚུལ་བ་སྟན་པ། སངས་རྒྱས་པའི་ཚེ་འགྲོ་བ་རྣམས་དུས་མྱུར་བར་སྒྲོལ་ལམ་དུ་བགོད་པའི་རྒྱུར་བསྔོ་བའི་སྒོ་ནས་མཐར་ཐུག་གི་ཡོན་ཏན་སྨོན་ལམ་གྱི་རྣམ་པས་སྒོམ་ཚུལ་བསྟན་པའོ། ། དང་པོ་ནི། དེ་ལས་འོངས་པའི་རབ་དཀར་དགེ་བའི་ཚོགས། །ཞེས་བ་ནས། །མ་ལུས་འགྲོ་བའི་སྐྱབས་སུ་བདག་གྱུར་ཅིག། །ཅེས་གསུངས་ཏེ། བསྟོད་ཅིང་གསོལ་བ་བཏབ་པ་དང་མཆོད་པ་བྱས་པ་དེ་ལས་ འོངས་པའི་རབ་དཀར་དགེ་བའི་ཚོགས་ཇི་སྙེད་ཅིག་མཆིས་པ་གང་ཡིན་པ་དེའི་མཐུས། །སྲིད་པར་ཡུན་རིང་དུ་འཁྱམས་པའི་ཚེན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བྱེ་བ་སྟེ་མཐའ་ཡས་པས་མནར་ཞིང། ཞི་བདེ་ ལ་སོགས་པའི་བདེ་བས་འཕོངས་པའི་འགྲོ་བ་མ་ལུས་པའི་མགོན་སྐྱབས་སུ་བདག་རྒྱུར་ཅིག་ཅེས་པའོ། །གཉིས་པ་ལ་གཉིས། །སྦྱིར་རྒྱལ་སྲས་ཀྱི་སྦྱོད་པ་ལ་སློབ་པར་སྨོན་ལམ་གདབ་པ། །བྱེ་བྲག་ཏུ་སྐྱེ་ [013A]༄༅། །འཕགས་གྱིས་ལ་སློབ་པར་སྨོན་ལམ་གདབ་པའོ། །དང་པོ་ལ་གཉིས། བསམ་པས་གཞན་དོན་ལ་དམིགས་ཀྱང་སྦྱོར་བས་ཐོག་མར་རང་འདུལ་བར་སྨོན་ལམ་གདབ་པོ། ནུས་པ་ཐོབ་པ་ན་བསམ་ སྦྱོར་གཉིས་གས་གཞན་དོན་གཙོ་བོར་སྒྲུབ་པར་སྨོན་ལམ་གདབ་པའོ། དང་པོ་ལ་བདུན། སྐྱེ་བ་ཐམས་ཅད་དུ་རབ་བྱུང་གི་རྟེན་རྙེད་ནས་ཐེག་ཆེན་གྱི་རིགས་སང་བར་སྨོན་ལམ་གདབ་པ། རྟེན་དེ་ལ་ཡོན་ཏན་སྣ་ཚོགས་ སྒྲུབ་པར་སྨོན་ལམ་གདབ་པ། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་བརྟེན་ནས་ཐོས་སོགས་ཚུལ་བཞིན་དུ་བྱེད་པར་སྨོན་ལམ་གདབ་པ། ཡོངས་སུ་དག་པའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་ སྨོན་ལམ་གདབ་པ། ཚོགས་པའི་ཆོས་སྤྱོད་ཀྱི་བགེགས་སུ་འགྱུར་བའི་སྡིག་པའི་གྲོགས་པོ་དང་མི་ཕྲད་པར་སྨོན་ལམ་གདབ་པ། བདུད་ཀྱི་ལས་སུ་གྱུར་བའི་བདག་ཅོད་ནམ་ཡང་མི་འབྱུང་བར་སྨོན་ལམ་གདབ་པ་ བྱང་ཆུབ་ཀྱི་སྦྱོད་པའི་རྗེས་སུ་མཐུན་པའི་སྐྱེན་ཚང་བར་སྨོན་ལམ་གདབ་པའོ། དང་པོ་ནི། འཇིག་རྟེན་འདྲེན་པའི་གོ་འཕང་དམ་པ་ལ། ཞེས་པ་ནས། རྙེད་ནས་ཐེག་མཆོག་རིགས་ནི་སད་པར་ཤོག། ཅེས་ གསུངས་ཏེ། འཇིག་རྟེན་གྱི་འདྲེན་པ་སྟེ་བདེ་བར་གཤེགས་པའི་གོ་འཕང་དམ་པ་ལ་རེག་པ་སྟེ་ཐོབ་པར་མ་གྱུར་བའི་སྐྱེ་བ་ཐམས་ཅད་དུ་ཚངས་བར་སྦྱོར་བ་ཡོངས་སུ་དག་པའི་རབ་བྱུང་གི་རྟེན་ཁྱད་པར་ཅན་རྙེད་ནས། ཐེག་ [013B] གཉིས་པ་ནི། བཟོད་ལྡན་དྲང་ཞིང་གྱ་གྱུ་མེད་པ་དང། ཞེས་པ་ནས། རྣམ་དཔྱོད་ཤེས་རབ་ཕུལ་བྱུང་ཐོབ་པར་ཤོག་ཅེས་གསུངས་ཏེ། སྐྱེ་བ་ཐམས་ ཅད་དུ་གནོད་བྱད་དང་དཀའ་སྦྱད་དང་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་ལ། དྲང་ཞིང་སྟེ་སེམས་ཅན་ལ་ལྷག་པའི་བསམ་པས་གནས་ཤིང། གྱ་གྱུ་སྟེ་རྙེད་བསྐུར་ལ་ཆགས་པའི་དབང་གིས་རང་གི་ཉེས་པ་ཐབས་ཀྱི་མི་མངོན་པར་ བྱེད་པའི་གཡོ་དང་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པའི་སྒྱུ་གཉིས་ཀ་མེད་པ་དང། མ་ཞུམ་པ་སྟེ་བྱང་སེམས་ཀྱི་སྤྱོད་པས་རླབས་པོ་ཆེ་གང་ལ་ཡང་བདག་གིས་མི་ནུས་སྙམ་པའི་ཞུམ་པ་གཏན་མི་སྐྱེ་ཞིང་སྤྲོས་ དགའ་ཐུགས་དྲག་པོས་འཇུག་པའི་སྙིང་སྟོབས་དང། ཐེག་ཆེན་གྱི་ལམ་འབྲས་སོགས་ལ་དམིགས་པའི་ཤུགས་དྲག་པོའི་དད་པ་དང། གུས་དང་རྟག་ཏུ་སྦྱོར་བ་སྟེ་ཤུགས་དྲག་པ་དང་རྒྱུན་ཆགས་པའི་བརྩོན་འགྲུས་གཉིས་ དང༑ ཆོས་རྣམ་པར་དཔྱོད་པའི་ཤེས་རབ་ཕུལ་དུ་བྱུང་བ་ཐོབ་པར་ཤོག་ཅིག་ཅེས་པའོ།། གསུམ་པ་ནི། རྒྱལ་བའི་དགོངས་པ་རྣམ་དག་རིགས་སྟོབས་ཀྱིས། །ཞེས་པ་ནས། བདེ་བར་གཤེགས་རྣམས་མཉེས་པར་ བྱེད་པར་ཤོག་ཅེས་གསུངས་ཏེ། སྐྱེ་བ་ཐམས་ཅད་དུ་རྒྱལ་བའི་དགོངས་པ་རྣམ་པར་དག་པའི་རིགས་པ་བཞིའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་དུ་རྙེད་ནས། རང་གིས་ཇི་ལྟར་དགོངས་པ་ལྟར་ཐུགས་བརྩེ་བ་ཆེན་པོས་ཉེ་ [014A]༄༅། །བར་དྲངས་པའི་ཐབས་ལ་མཁས་པའི་སྦྱོད་པ་བཟང་པོས། གདུལ་བྱ་གཞན་ལ་སྟོན་པ་ལ་མཁས་པའི་མཐར་སོན་པའི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་བཀའ་དང་བསྟན་བཅོས་མངླ་དུ་ཐོས་པ་རྒྱ་མཚོ་ སྟེ་རྒྱ་ཆེན་པོ་ལ་ཡུན་རིང་དུ་སྦྱངས་པའི་མཐུས། གསུང་རབ་ཀྱི་དོན་ལ་ཐེ་ཚོམ་གྱི་སྒྲོ་དགོས་ཀུན་བཅད་ནས། ཐོས་པའི་དོན་རྣམས་ཚུལ་བཞིན་དུ་བསྒྲུབས་པ་སྟེ་ཉམས་སུ་བླངས་པས་བདེ་བར་གཤེགས་པ་རྣམས་ ཐུགས་མཉེས་པར་བྱེད་པར་ཤོག་ཅིག་ཅེས་པའོ་བཞི་པ་ནི་ཐུབ་པས་བཅས་པའི་མཚམས་ལས་མི་འདའ་ཞིང། །ཞེས་པ་ནས། ཡོངས་སུ་དག་པའི་འཁོར་དང་ལྡན་པར་ཤོག་ཅེས་གསུངས་ཏེ་ སྐྱེ་བ་ཐམས་ཅད་དུ་ཐུབ་པའི་དབང་བོས་ཇི་ལྟར་བཅས་པ་མཛད་པའི་མཚམས་ལས་མི་འདའ་ཞིང། རྒྱལ་བའི་གདུང་འཚོ་བ་སྟེ་ལུང་རྟོགས་ཀྱི་བསྟན་པའི་རྒྱུན་མ་ཆད་པར་འཛིན་པའི་དི་གེ་བའི་བཤེས་གཉེན་ལ་གུས་པ་ ཆེ་བ་དང་དང་སོགས་དབང་པོ་ལྔ་རབ་ཏུ་རྣོ་བ་དང་སྒོ་གསུམ་གྱི་བྱ་བ་རྣམས་ཡོག་བར་སྒྲུབ་བར་བྱེད་པའི་སྐྱོན་དང་བྲལ་བ་ཡོངས་སུ་དག་པའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག་ཅེས་པའོ། །ལྔ་བ་ ནི༑ ནག་པོའི་ཕྱོགས་ཀྱིས་ཡིད་ནི་བསྐྱོད་པ་ཡིས། །ཞེས་པ་ནས། སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག་ཅེས་གསུངས་ཏེ། སྐྱེ་བ་ཐམས་ཅད་དུ་ནག་པོའི་ཕྱོགས་སུ་གཏོགས་པའི་བདུད་རིགས་ཀྱིས་ཡིད་ [014B] དཔོན་སློབ་ཚོགས་པའི་ཆོས་སྦྱོད་དེ་འཆད་ཉན་གྱི་དགའ་སྟོན་མྱོང་བའི་གེགས་བྱེད་པ་བདུད་ཀྱི་གཉེན་དུ་གྱུར་བའི་སྡིག་པའི་གྲོགས་པོ་རྣམས་དང་སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག་ཅེས་ པའོ༑ ༑དྲུག་པ་ནི། ཐུབ་དབང་རྗེས་སུ་གུས་པས་སློབ་པའི་ཚེ། །ཞེས་པ་ནས། བར་དུ་གཅོད་པའི་མིང་ཡང་མེད་པར་ཤོག་ཅེས་གསུངས་ཏེ། སྐྱེ་བ་ཐམས་ཅད་དུ་སྔོན་ཐུབ་པའི་དབང་པོས་བྱང་ སེམས་ཀྱི་སྦྱོད་པ་ལ་ཇི་ལྟར་བསླབ་པ་དེའི་རྗེས་སུ་གུས་པས་སློབ་པར་བྱེད་པའི་ཚེ། བྱང་སེམས་ཀྱི་སྦྱོད་པ་རླབས་པ་ཆེ་རྫོགས་པར་བྱེད་པའི་གེགས་སུ་གྱུར་བ། རང་སྐལ་བ་ངན་པའི་རྗེས་སུ་འགྲོ་བའི་བདུད་ཀྱི་ ལས་ཡུམ་གྱི་མདོ་ནས་བཤད་པའི་སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་ལྟ་བུ་བར་དུ་གཅོད་པའི་མིད་ཙམ་ཡང་མེད་པར་ཤོག་ཅིག་ཅེས་པའོ། །བདུན་པ་ནི། གང་དང་ལྡན་ན་དམ་པ་དགའ་བྱེད་པ། །ཞེས་པ་ནས་ མ་ལུས་ཐོགས་པ་མེད་པར་འགྲུབ་པར་ཤོག་ཅེས་གསུངས་ཏེ། གང་དང་ལྡན་ན་སྐྱེས་བུ་དམ་པ་རྣམས་ཐུགས་དགའ་བར་བྱེད་པ་དགེ་སྦྱོང་གི་རྒྱན་དུ་འདྲེན་པ་བཅོམ་ལྡན་འདས་ཀྱིས་བསྔགས་པ་མཛད་པའི་ དང་ལྡན་གཡོ་མེད་ནང་ཉུང་དང། བརྩོན་འགྲུས་ཤེས་རབ་འདོད་ཆུང་དང། །ཆོག་ཤེས་གསོ་སླ་གང་སླ་དང། །སྦྱང་དང་མཛེས་དང་དྲོང་རིག་དང། །སྐྱེས་བུ་དམ་ཆོས་མཁས་རྟགས་དང། ། [015A]༄༅། །བཟོད་དང་དེས་དང་གྱ་ནོམ་ཡིན། །ཞེས་ཉན་ས་ནས་གསུངས་པའི་དགེ་སྦྱོང་གི་རྒྱན་བཅུ་བདུན་ལྟ་བུ། བྱང་ཆུབ་ཀྱི་སྤྱོད་པའི་རྗེས་མཐུན་པའི་རྐྱེན་མ་ལུས་པ་ཐོགས་པར་མེད་པར་འགྲུབ་པར་ཤོག་ཅིག་ཅེས་ པའོ༑ ༑གཉིས་པ་ནི། བྱང་ཆུབ་སྦྱོད་ཚེ་གདུལ་བྱའི་གནས་ཀུན་ཀྱང། །ཞེས་པ་ནས། བདོག་བ་ཐམས་ཅད་དེལ་གཏོང་བར་ཤོག་ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྦྱོད་པ་རླབས་པོ་ཆེ་ལ་སློབ་པའི་ཚེ་ན། གདུལ་ བར་བྱ་བའི་གནས་ཀུན་ཏེ་ཐམས་ཅད་ཀྱང་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་ལུས་དག་གི་ཉེས་སྦྱོད་ལེགས་པར་བསྔམས་པའི་རབ་འབྱུང་ལ་འགོད་བར་བྱེད་ཅིང། རབ་བྱུང་དེ་ལ་འོས་པའི་ཡོ་བྱད་རྣམ་སྦྱར་ བླ་གོས་མཐར་གོས་དང། གདིང་བ་ལྷུང་བཟེད་ཚུ་ཚགས་རྣམས་འབད་པར་མི་དགོས་པར་བསམ་པ་ཙམ་གྱིས་མ་ལུས་པར་རྙེད་ནས་སྩོལ་བར་ཤོག་ཅིག་ཅེས་པ་དང། དུས་དེད་ནས་བརྩམས་ཏེ་ཚེ་རབས་ཐམས་ ཅད་དུ་ལུས་དང་དག་དང་ཡིད་ཀྱིས་རྩོམ་པ་སྟེ་བྱ་བ་གང་བགྱིས་པ་དེ་དག་ཐམས་ཅད། མཐའ་ཡས་པའི་འགྲོ་བ་རྣམས་ལ་རེས་འགའ་ཙམ་མ་ཡིན་པར་གནས་སྐབས་ཀུན་ཏུ་ཕན་པ་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་པ་དང་ བུ་སྡུག་པ་ཤི་བའི་དུས་ཀྱི་མ་ཇི་ལྟ་བ་བཞིན་དུ་སྲིད་པའི་སྡུག་བསྔལ་ཀུན་གྱིས་མནར་བའི་འགྲོ་བ་ཀུན་དུས་རྟག་ཏུ་ཡིད་ལ་གཅགས་པ་སྟེ་བསམ་པའི་བརྩེ་བ་ཆེན་པོའི་དབང་གིས། ལུས་དང་ལོངས་སྦྱོད་དང་དུས་གསུམ་གྱི་ [015B] །གཉིས་པ་ལ་གཉིས། མོས་སྦྱོད་ཀྱི་སལ་སློབ་པའི་ཚེ་ཡོན་ཏན་སྣ་ཚོགས་འཐོབ་པ་སྨོན་ལམ་གདབ་པ་ འཕགས་པའི་ས་ལ་སློབ་པའི་ཚེ་ཤེས་བྱའི་གནས་ལ་མཁྱེན་པ་ཐོགས་མེད་དུ་འཇུག་པར་སྨོན་ལ་མ་གདབ་པའོ། །དང་པོ་ནི། མོས་སྦྱོད་ས་ཡི་དྲི་མ་སྦྱང་བ་ན། །ཞེས་པ་ནས། གཞན་དྲིང་མི་འཇོག་ སྦོབས་པ་ཐོབ་པར་ཤོག་ཅེས་གསུངས་ཏེ། དེ་ཁོ་ན་ཉིད་ལ་མོས་བ་ཡིད་ལ་བྱེད་པས་སྦྱོད་པའི་སའི་སྙིང་རྔེའི་བསམ་པ་དང་མཐའ་གཉིས་སུ་མེད་པའི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་ བའི་དྲི་མ་སྦྱོང་བར་བྱེད་པ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཚུ་རོལ་མཐོང་བ་སྟེ་སོ་སོ་སྐྱེ་བོའི་རྒྱལ་སྲས་རྣམས་ཀྱི་ནང་ན་བདག་ནི། གསེར་གྱིས་འཛིན་ཏེ་རི་བོང་བདུན་གྱི་དབུས་ན་རིའི་རྒྱལ་པོ་ལྷུན་པོ་བཞིན་དུ། སྦྱན་ དང་པོ་གཉིས་དང་མངོན་ཤེས་དང་པོ་ལྔ་དང་གཞུང་ལུགས་མང་དུ་ཐོས་པའི་ཤེས་རབ་དང། སོགས་སྒྲས་བསྡུས་པ་གསུང་རབ་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་གཟུངས་ལ་སོགས་པ་ཡོན་ཏན་ཀུན་གྱིས་རབ་ཏུ་མཐོབ་དང་ མི་ཁོམ་བར་སྐྱེ་བ་དང་བག་མེད་པར་སྤྱོད་པ་དང་ལོག་པར་ཞུགས་པ་དང། སྒྲིབ་པ་ཤས་ཆེ་བ་ལ་སོགས་པ་བྱིབ་པའི་རྒུད་པ་ཀུན་ལས་འོངས་པར་གྱུར་ཏེ། གཞན་དྲིང་མི་འཇོག་པ་སྟེ་གཞན་ལ་རེག་མ་ལས་པར་རང་སྟོབས་ཀྱིས་ཆོས་རྣམས་ [016A]༄༅། །ཀྱི་ཚིག་དོན་ཐོགས་པ་མེད་པར་འཆད་ནུས་པའི་སྦོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག་ཅེས་པའོ། །གཉིས་པ་ནི། རྒྱལ་སྲས་འཕགས་པའི་ས་ལ་སློབ་པ་ན། ཞེས་པ་ནས། རླབས་ཆེན་སྤྱོད་པའི་ གཏེར་དུ་འགྱུར་བར་ཤོག་ཅེས་གསུངས་ཏེ། རྒྱལ་སྲས་ཏེ་བྱང་སེམས་འཕགས་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་སློབ་པར་བྱེད་ན། ས་དེ་དང་དེར་གནས་པའི་རྒྱལ་སྲས་དབའ་པོ་འདས་མ་འོངས་ད་ལྟར་གྱི་དུས་གསུམ་པོ་ ཐམས་ཅད་དུ་ཡོངས་སུ་གཤེགས་པ་སྟེ་བྱོན་ཟིན་པ་དང། འབྱོན་པར་འགྱུར་བ་དང། བྱོན་ནས་བཞུགས་པ་རྣམས་ཀྱི་ཁྲོད་ན་བདག་ནི། བྱ་ལམ་སྟེ་ནམ་མཁའ་བགྲོད་པ་ལ་འདབ་བཟང་དབང་པོ་སྟེ་མཁའ་ལྡིང་བཞིན་དུ། རྒྱལ་ བའི་སྲས་པོ་གཞན་གྱིས་ཚད་དཔག་པར་དཀའ་བའི་ཤིན་ཏུ་རྒྱ་ཆེ་བའི་ཤེས་བྱའི་གནས་རྣམས་ལ་དྲི་མ་མེད་པའི་མཁྱེན་པ་ཐོགས་པ་མེད་པར་འཇུག་པར་བྱེད་ཅིང། རླབས་ཆེན་སྦྱོད་པ་སྟེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་གཏེར་ཏེ་ འབྱུང་གནས་སུ་འགྱུར་བར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི། དེ་ལྟར་སྤྱད་པའི་འབྲས་བུ་གྲུབ་པ་ན། །ཞེས་པ་ནས། སྐད་ཅིག་གཅིག་ལ་བདག་གིས་སྒྲོལ་བར་ཤོག་ཅེས་གསུངས་ཏེ། གོང་དུ་སྨོས་པ་དེ་ལྟར་ རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེལ་སྦྱང་བའི་འབྲས་དུ་མཐར་ཐུག་གྲུབ་པ་ན། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྐུའི་ཡོན་ཏན་དང། ཞིང་གྱི་འབྱོན་བ་དང། འཁོར་གྱི་གྲངས་དང། མཛད་པ་འཕྲིན་ལས་དང། སྐུ་ཚེའི་ [016B] སྔོན་གྱི་སྨོན་ལམ་རྣམས་གང་ཡིན་པ་གཅིག་ཏུ་བསྔོམས་པ་དེ་དག་ཀུན་ཏེ་ཐམས་ཅད་ལ་མཁས་པའི་སྤྱོད་པས་ཡོངས་སུ་རྫོགས་པར་གྱུར་ནས། དུས་ཡུན་རིང་པོ་ཞིག་ནས་སྒྲོལ་ལམ་དུ་འགོད་པར་ཡིད་ལ་བ་རྣགས་པ་ སྟེ་བསམ་པའི་འགྲོ་འདི་རྣམས། དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་ཆར་ཆེན་པོ་ཕབ་པས་དུས་སྐད་ཅིག་མ་གཅིག་ལ་བདག་གིས་སྒྲོལ་བར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་སྐྱབས་ གཅིག་བུ། ཞེས་པ་ནས། དགེ་ལེགས་སུ་གྱུར་ཅིག་ཅེས་གསུངས་ཏེ། བྱམས་བསྟོད་འདི་ལ་ཚངས་པའི་ཅོད་པ་ན་ཞེས་པའི་མཚན་་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྩལ་བ་ཡིན་པར་སྣང་ལ། མཚན་ དེ་ལྟར་སྩལ་པའི་རྒྱུ་མཚན་ཡོད་དེ། སྙན་དང་གས་ཀྱི་རྒྱན་བཟང་པོས་ཚངས་པའི་སྒྲ་དབྱངས་ཀྱང་ཟིལ་གྱིས་གནོན་ནུས་པས། ཚངས་པས་ཀྱང་ཁེངས་པ་དང་བྲལ་ནས་སྤྱི་གཙུག་གིས་བཀུར་པར་འོས་པའི་ཕྱིར་རོ། །གཞན་ རྣམས་གོ་བར་སླའོ།། འདིར་སྨྲས་པ། ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ཚ་ཟེར་གྱིས། །བྱམས་མགོན་བྱིན་རླབས་གངས་ཆེན་ཞུ་བ་ལས། །རྫེས་འཇུག་གདུལ་བྱའི་ཞིང་སར་འབེབས་མཛད་པའི། ། འཇམ་མགོན་བླ་མའི་མཛད་འཕྲིན་འདི་ཀོ་མཚར། །བསྩོད་འགྲེལ་བརྩམས་པའི་རྣམ་དཀར་དགེ་བའི་མཐུས། །འགྲོ་ཀུན་དུས་མཐའི་རྒུད་པས་མ་མནར་བར། །རྫོགས་ལྡན་དུས་བཞིན་ཆོས་ལ་ལོངས་སྤྱོད་དེ། ། [017A]༄༅། །སྤང་རྟོགས་ཡོན་ཏན་མྱུར་དུ་མཐར་ཕྱིན་ཤོག་ཐུབ་བསྟན་སྙིང་པོ་འཇམ་མགོན་བཙོང་ཁ་བའི། །ཆོས་ཚུལ་ཕྱོགས་དུས་ཀུན་ཏུ་རབ་རྒྱས་ཏེ། །དེ་ཉིད་བཤད་སྒྲུབ་གཉིས་ཀྱིས་འཛིན་མཛད་ པའི༑ ༑མཁས་མང་ཚོགས་ཀྱིས་ས་སྟེང་ཁྱབ་གྱུར་ཅིག་བདག་ཀྱང་ཚེ་འདི་འདི་ཡི་ལུས་སེམས་ལ། །གནོད་པའི་རྐྱེན་ཀུན་ཀུན་ནས་ཞི་གྱུར་ཏེ། །ཡིད་ལ་གང་བསམ་བསམ་བཞིན་འགྲུབ་པ་དང། །བཤད་ སྒྲུབ་དམ་ཆོས་ཆོས་བཞིན་བྱེད་པར་ཤོག་ནམ་ཞིག་ལྔ་བའི་ལམ་དུ་སོང་མཐག་གནས་མཆོག་ཡིད་དགའ་ཆོས་འཛིན་དེར་སྐྱེས་ཏེ། །མི་ཕམ་འཇམ་དཔལ་སྙིང་པོའི་གསེར་ཞལ་མཆོག་ མངོན་དུ་གྱུར་བའི་དགའ་སྟོན་མྱོང་གྱུར་ཅིག། ཅེས་བྱམས་བསྟོད་ཚངས་པའི་ཅོད་པན་གྱི་དགོངས་འགྲེལ་ལམ་མཆོག་གསལ་བྱེད་ཅེས་བྱ་བ་དེ་ནི། ཁལ་ཁ་ཁུ་རེ་ཆེན་མོའི་གྲྭ་རིགས་བློ་ལྡན་མང་དུ་ཐོས་པ་དཀའ་བཅུ་པ་བློ་བཟང་ འཕྲིན་ལས་ཀྱིས་བྱམས་བསྟོད་འདིའི་དགོངས་དོན་སྐྱེས་བུ་གསུམ་གྱི་ལམ་དང་སྦྱར་པའི་འགྲེལ་པ་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར། རྗེ་བླ་མའི་གསུང་རབ་ལ་དད་པ་ཅུང་ཟད་རྙེད་པའི་་སྦྲང་བཙུན་ངག་དབང་ དཔལ་ལྡན་གྱིས་སྦྱར་བ་འདིས་ཀྱང་འགྲོ་བ་ཀུན་བྱམས་མགོན་འཇམ་དཔལ་སྙིང་པོས་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། སརྦ་མབྒ་ལཾ།། །། [017B][BLANK PAGE]